ཨམ་སྐད་བརྡ་ཆད་སྐོར་གྱི་དྲི་བ་དྲིས་ལན། (ཁག་ཉེར་དྲུག་པ།)

༡༧༡ མཚོ་སྔོན་གྱི་ཡུལ་བྱེ་བྲག་གི་སྐད་དུ། ཡིན་གཅིག་མིན་གཉིས་སམ་ངེས་པར་དུ་ཞེས་པའི་དོན་ལ། ༼ཡིད་པུ་ཏིས།༽ཟེར་། ཁྱོད་ནིང་ཁར་ཡིད་པུ་ཏིས་ཀིས་ཡོང་དགོས་ཟེར་བ་ལྟ་བུ། དེའི་སྒྲ་དོན་དང་མཐུན་པར་ཡི་གེ་དག་མོ་ཇི་ལྟར་འབྲི།

༡༧༢ མཚོ་སྔོན་གྱི་ཡུལ་བྱེ་བྲག་གི་སྐད་དུ། ཡིན་གཅིག་མིན་གཉིས་སམ་ཅིས་ཀྱང་ཞེས་པའི་དོན་ལ། ༼ཡིན་འདའ་མིན་འདའ།༽ཟེར་། ཁྱོད་ནིང་ཁར་ཡིན་འདའ་མིན་འདའ་ཕ་ཡུལ་ལ་ལོག་དགོས་ཟེར་བ་ལྟ་བུ། དེའི་སྒྲ་དོན་དང་མཐུན་པར་ཡིན་ད་མིན་ད་ཞེས་བྲིས་ན་འགྲིག་གམ།

༡༧༣ བོད་དམངས་ཁྲོད་ཀྱི་གླུ་ཚིག་ཏུ། ལུས་གཟུགས་གཞི་ད་དྲུག་མ་སྒུར་གོང་། །གོས་ཡག་པ་ཡོད་ན་ཕ་མར་བསྐོན། །ལུས་གཟུགས་གཞི་ད་དྲུག་སྒུར་སོང་ན། །གོན་འདོད་ཀྱང་ལུས་ཀྱིས་མི་ལྕོགས་ཀི །ཞེས་པའི༼ད་དྲུག༽གི་གོ་དོན་ཅི་ཡིན།

༡༧༤ བོད་དམངས་ཁྲོད་ཀྱི་གླུ་ཚིག་ཏུ། རྟ་འདོ་བའི་རྒྱབ་ན་རི་མོ་མེད། །སྒ་བེ་སེང་བསྟོད་དྲ་རི་མོ་རེད་ཅེས་པའི༼སྒ་བེ་སེང་།༽གི་གོ་དོན་ཇི་ལྟར་འགྲེལ། ཞིབ་ཏུ་ཀློག

ཡུལ་དངོས་བཅར་འདྲི། 2016(ཁག་ཉེར་ལྔ་བ།)

DSC06782

མཚོ་ནུབ་ཁུལ་ཐེམ་ཆེན་རྫོང་མི་རིགས་སློབ་ཆུང་གཉིས་པ།

DSC06790

ཞིབ་ཏུ་ཀློག

ཡུལ་དངོས་བཅར་འདྲི། 2016(ཁག་ཉེར་བཞི་བ།)

DSC06778

མཚོ་ནུབ་ཁུལ་ཐེམ་ཆེན་རྫོང་ཅོང་ཆུ་གྲོང་རྡལ་མི་རིགས་སློབ་ཆུང་།

ཞིབ་ཏུ་ཀློག

ཡུལ་དངོས་བཅར་འདྲི། 2016(ཁག་ཉེར་གསུམ་པ།)

DSC06769

མཚོ་ནུབ་ཁུལ་ཐེམ་ཆེན་རྫོང་བྱིས་གཉོར་ཁང་གཉིས་པ།

DSC06763

ཞིབ་ཏུ་ཀློག

ཡུལ་དངོས་བཅར་འདྲི། 2016(ཁག་ཉེར་གཉིས་པ།)

DSC06751

མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཐེམ་ཆེན་རྫོང་མི་རིགས་སློབ་ཆུང་དང་པོ།

ཞིབ་ཏུ་ཀློག

ཡུལ་དངོས་བཅར་འདྲི། 2016(ཁག་ཉེར་གཅིག་པ།)

DSC06743

མཚོ་བྱང་ཁུལ་རྐང་ཚ་རྫོང་མཚོ་འཁྱིལ་ཡུལ་ཚོའི་མི་རིགས་བཅའ་སྡོད་སློབ་ཆུང་།

ཞིབ་ཏུ་ཀློག

ཡུལ་དངོས་བཅར་འདྲི། 2016(ཁག་ཉི་ཤུ་བ།)

DSC06735

མཚོ་བྱང་ཁུལ་རྐང་ཚ་རྫོང་མཚོ་འཁྱིལ་ཡུལ་ཚོའི་དཀྱིལ་སྙིང་བྱིས་སྐྱོང་ཁང་།

DSC06730

ཞིབ་ཏུ་ཀློག

ཨམ་སྐད་བརྡ་ཆད་སྐོར་གྱི་དྲི་བ་དྲིས་ལན། (ཁག་ཉེར་ལྔ་བ།)

༡༦༡  མཚོ་སྔོན་གྱི་ཡུལ་སྐད་དུ། མི་ལོ་ཚོད་དར་མ་ལས་བརྒལ་ཚེ། དེ་ལ༼བར་ཤེད་པ།༽ཟེར། དཔེར་ན། སྡེ་བ་དེ་ལ་ལོ་ལོན་ཉུང་ཞིང་བར་ཤེད་པ་མང་ཟེར་བ་ལྟ་བུ། དེའི་སྒྲ་དོན་དང་མཐུན་པར་ཡི་གེ་དག་མོ་ཇི་ལྟར་འབྲི།

༡༦༢  མཚོ་སྔོན་གཅན་ཚ་རྫོང་གི་སྐད་དུ། རྐང་སྣམ་གྱི་རྐང་ཤག་གི་མིང་ལ། ༼སུག་ཅག༽ཟེར། དེའི་སྒྲ་དོན་དང་མཐུན་པར་ཡི་གེ་དག་མོ་ཇི་ལྟར་འབྲི།

༡༦༣  ཀན་ལྷོའི་ཐེ་བོ་རྫོང་གི་སྐད་དུ། མགོའི་ཕྱི་ལྟག་གི་མིང་ལ། ༼དམ་འབུས།༽ཟེར། དེའི་སྒྲ་དོན་དང་མཐུན་པར་ཡི་གེ་དག་མོ་ཇི་ལྟར་འབྲི།

༡༦༤  ཀན་ལྷོའི་ཐེ་བོ་རྫོང་གི་སྐད་དུ། རེད་ཅེས་པའི་དོན་ལ། ༼དགོས།༽ཟེར། དཔེར་ན། དེ་ངའི་ཕ་མ་རེད་ཅེས་པ་ལ་དེ་ངའི་ཕ་མ་དགོས་ཟེར་བ་ལྟ་བུ། དེའི་དགོས་ལ་སྒྲ་དོན་དང་མཐུན་པར་དེ་ལྟར་བྲིས་ནས་འགྲིག་གམ།

༡༦༥  ཀན་ལྷོའི་ཀླུ་ཆུ་རྫོང་གི་སྐད་དུ། བར་མ་ཆད་པའམ་རྒྱུན་དུ་ཞེས་པའི་དོན་ལ། ༼ང་ང་།༽ཟེར། དཔེར་ན། ཁོ་དུས་ང་ང་ངེད་ཚང་ལ་ཡོང་གིན་འདུག་ཅེས་དང་། ཁྱོད་བྱ་བ་ལས་ན་དུས་ང་ང་དེ་མོ་ཟིག་ཡིན་མོད་ཟེར་བ་ལྟ་བུ། དེའི་སྒྲ་དོན་དང་མཐུན་པར་ཡི་གེ་དག་མོ་ཇི་ལྟར་འབྲི། ཞིབ་ཏུ་ཀློག

ཡུལ་དངོས་བཅར་འདྲི། 2016(ཁག་བཅུ་དགུ་པ།)

DSC06650

ཀན་ལྷོ་ཁུལ་ཐེ་བོ་རྫོང་གཡི་བ་ཡུལ་ཚོའི་ལྟེ་གནས་སློབ་ཆུང་ནི། ཐེ་བོ་རྫོང་མཁར་ལས་སྤྱི་ལེ13གྱི་བྱང་ཕྱོགས་སུ་ཡོད་ཅིང་། སློབ་མ་བསྡོམས་པས312དང་། དགེ་རྒན་བསྡོམས་པས38ཡོད། མགོ་ནས་མཇུག་བར་དུ་ལུང་བ་ཏག་ཏག་བརྒྱུད་ནས་འགྲོ་དགོས་ཕྱིར། མགོ་ཡར་དགྱེས་ན་ཨ་སྔོན་གནམ་མཐོང་བ་མ་གཏོགས་ཕྱོགས་གཉིས་ནགས་རི་སྟུག་པོ་རེད།

ཞིབ་ཏུ་ཀློག

ཡུལ་དངོས་བཅར་འདྲི། 2016(ཁག་བཅོ་བརྒྱད་པ།)

DSC06648

ཀན་ལྷོ་ཁུལ་ཐེ་བོ་རྫོང་སྟེང་ཀ་སློབ་གྲྭའི་བྱིས་གཉོར་ཁང་།

DSC06647

ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐེ་བོ་རྫོང་སྟེང་ཀ་སློབ་གྲྭའི་བྱིས་གཉོར་ཁང་ནི། གཙོད་གྲོང་ཁྱེར་ནས་སྤྱི་ལེ240ལྷོ་ཕྱོགས་སུ་ཡོད་ཅིང་། ལོ4ནས6བར་གྱི་བྱིས་པ137ཡོད་པ་དང་། དགེ་རྒན9ཡོད། བྱིས་གཉོར་ཁང་དེ་རྫོང་ཐོག་གི་སྟེང་ཀ་སློབ་གྲྭ་དང་ར་སྐོར་གཅིག་ཏུ་ཡོད། ཡུལ་དེའི་བོད་རིགས་བྱིས་པ་ཚོས་རང་ཁྱིམ་དུ་བོད་སྐད་བརྙན་འཕྲིན་ལ་ལྟ་གིན་ཡོད་མེད་དང་། གློག་ཀླད་བཀོལ་སྤྱོད་ཐུབ་མིན། ཁོ་ཚོ་ལྟ་དགའ་བའི་ལེ་ཚན་གང་དག་ཡིན་མིན་སོགས་ལ་བྱིས་པ་འགར་དཔེར་འཐེན་གྱི་རྣམ་པས་རྒྱུས་ལོན་རགས་ཙམ་བྱས།

ཞིབ་ཏུ་ཀློག